当前位置: 首页 / 新闻中心 / 堆龙德庆区要闻

堆龙德庆区“雪顿节”活动公告

堆龙德庆区人民政府 2020年08月18日 10时38分

རྒྱ་ཆེའི་གྲོང་མི་ལྷན་རྒྱས་དང་ཡུལ་སྐོར་བ་ལྷན་རྒྱས། ལོ་གཅིག་དུས་གཅིག་གིས་ཞོ་སྟོན་འཆར་ལ་ཉེ་བའི་མཚམས་འདིར་། ལྷ་ས་གྲོང་ཁྱེར་གྱི་གཅིག་གྱུར་འག྄ོ་ཁྲིད་འོག སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་ནས་ད་ལོའི་ཞོ་སྟོན་རིང་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དུ་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་གཟིགས་འབུལ་དང་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་། སྒོར་ཁྲི་ཚོ་90མཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱ་ཐབས་བརྒྱུད་ནས་སྐུ་ཉིད་ལ་དགའ་སྤྲོས་ཁེངས་པའི་ཞོ་སྟོན་ཞིག་ཡོང་བ་ཞུ་རྒྱུ་རེེད་འདུག  དེ་ཡང་། ཟླ་བ་༨ཚེས་༡༩ནས་ཚེས་༢༡བར་ཉིན་གསུམ་རིང་། སྟོད་ལུང་ཁུལ་གྱི་ལྷ་མོའི་ཚོགས་པ་ཁག་ནས་སྔ་དྲོ་ལྷ་མོའི་འཁྲབ་གཞུང་ 《འགྲོ་བ་བཟང་མོ་》དང་ 《གཅུང་པོ་དོན་ཡོད་དོན་གྲུབ》《སྣང་ས་འོད་འབུམ》གཟིགས་འབུལ་ཞུ་རྒྱུ་དང་ཕྱི་དྲོ་གྲོང་ཚོ་ཁག་གི་རིག་རྩལ་རུ་ཁག་ཁག་ནས་གཞས་སྣ་འཁྲབ་སྟོན་ཞུ་རྒྱུ། དེ་མིན་ཉིན་མོ་དེ་དག་རིང་མཛེས་ལྗོངས་ཁུལ་གྱི་ཆུ་ཚན་མགྲོན་ཁང་ ཁྱིམ་ཚང་མགྲོན་ཁང་ གླིང་ཁ་དང་རོལ་རྩེད་ཁང་སོགས་སྤུས་དག་ཞབས་ཞུ་མཁོ་འདོན་ཞུ་རྒྱུ་དང་དེ་བཞིན་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་ཞུ་རྒྱུ།  དེར་རྟེན་སྐུ་ཉིད་སྟོད་ལུང་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དུ་ཞོ་སྟོན་དགའ་གཏོང་གནང་བར་ཕེབས་རྒྱུར་དགའ་བ་འབུམ་གྱི་བསུ་བ་ཡོད་ལ་དེའི་རིང་རིམས་ནད་འགོག་སོན་བྱ་རྒྱུར་ཐུགས་གཡེང་མ་གནང་བར་ཁ་རྒྱས་ཡག་པོ་བཀྱོན་དེ་ཞོ་སྟོན་དགའ་གཏོང་གནང་བར་ཕེབས་རྒྱུར་དགའ་བསུ་ཚད་མེད་ཞུ་རྒྱུ་ཡིན།

欢乐雪顿嗨翻天,惠民政策邀过节。今年雪顿节活动堆龙德庆区委区政府不仅契合了拉萨雪顿节的活动部署,更是安排了各类惠民活动。一是藏戏展演和歌舞表演,给广大市民朋友带来纯粹的藏族文化体验,二是现场有文创企业、林卡、民俗、温泉酒店等涉旅企业等展销,政府投入90万元消费券,为市民大“放价”。三是能够近距离欣赏象雄美朵景区的美丽风光。无论您是外地游客还是本地居民,堆龙诚挚地向您发出邀请,与我们一起欢聚雪顿吧。最后 ,为保障大家的健康安全,请参加雪顿节活动的广大朋友们提前准备好健康码、口罩等必要的防疫设备,谢谢!

注意️

参加堆龙德庆区欢乐惠民购物节需要提供

“西藏健康码”

具体操作点击下方二维码


西藏健康码

责任编辑:马振

扫一扫在手机打开当前页

【字体: 【打印文本】 【关闭本页】

相关信息