当前位置: 首页 / 政民互动 / 热点回应

སྟོད་ལུང་བདེ་ཆེན་ཆུད་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་ཕུལ་བའི་འཚམ་འདྲིའི་ཡི་གེ致堆龙德庆区退休干部职工的慰问...

堆龙德庆区人民政府 2020年01月14日 18时04分

རྒྱ་ཆེའི་ལས་བྱེད་པ་རྒན་གྲས་དང་ལས་བཟོ་པ་རྣམ་པ།

全区广大退休干部职工:

འདས་ཟིན་པའི་ཕག་ལོར་ཞས་གྱེས་ཞུ་བ་དང་།བྱི་ལོའི་དཔྱིད་གསར་ལ་བསུ་བ་ཞུ་བ་དང་ཆབས་ཅིགདཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར།སྟོད་ལུང་བདེ་ཆེན་ཆུད།ཆུད་མི་དམངས་འཐུས་ཚོགས།ཆུད་སྲིད་གཞུང་།ཆུད་ཆབ་གྲོས་བཅས་ཀྱིས་ལྷན་རྒྱས་རྣམ་པར་དུས་ཆེན་གྱི་སྨོན་ཚིག་དང་ལྷག་བསམ་ཟོལ་མེད་ཀྱི་འཚམ་འདྲི་ཞུ་རྒྱུ་ཡིན།

金猪辞旧岁,玉鼠迎新春。值此农历春节和藏历新年来临之际,堆龙德庆区委、区人大、区政府、区政协向大家致以节日的祝福和诚挚的问候!

འདས་ཟིན་པའི་ལོ་དེའི་ནང་།ཆུད་ཡོངས་ཀྱིས་ཞིས་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་གཏིང་ཟབ།དམ་ཟབ་ཀྱིས་ལྗོངས་ཏང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་རེ་འདུན་དང་།༼འཐབ་ཇུས་དྲུག་༽གི་མཛུབ་ཁྲིད་འོག ཆུད་ཡོངས་ཀྱི་མི་རིགས་ཁག་ལ་སེམས་མཐུན་སྤྱོད་མཐུན་གྱི་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཐོགབློ་བརྟན་འགྱུར་མེད་ཀྱིས་ཡར་བརྩོན།ཏང་གི་རྩ་བའི་རྨང་གཞི་སྲ་བརྟན།སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་དང་བརྟན་ལྷིང་།དཔལ་འབྱོར་སྤུས་ཚད་རིམ་གྱིས་གོང་འཕེལ།དམངས་ཀྱི་འཚོ་བའི་ལས་དོན་རྒྱུན་མཐུད་ལེགས་བཅོས།འབྱུང་ཁམས་ཁོར་ཡུག་ལེགས་པ་བཅས་རྒྱུན་འཁྱོངས་བྱུང་ཡོད།གྲུབ་འབྲས་དེ་དག་ནི་ཁྱེད་རྣམས་ཀྱིས་སྔོན་གྱི་དུས་སུ་རྨང་གཞི་བརྟན་པོ་བཏིང་བ་དང་ཁ་བྲལ་ཐབས་མེད་ལ།ཁྱེད་རྣམ་པ་རྒན་ཡོལ་ཞུས་རྗེས་སུའང་མུ་མཐུད་དེ་ང་ཚོའི་ལས་ཀར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དང་ཁ་བྲལ་ཐབས་མེད་པས།དེ་དག་སྟོད་ལུང་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་སེམས་དབུས་སུ་བཅངས་ཡོད།གོ་སྐབས་དེ་དང་བསྟུན་ནས།སྟོད་ལུང་བདེ་ཆེན་ཆུད་དང་།ཆུད་མི་དམངས་འཐུས་ཚོགས།ཆུད་སྲིད་གཞུང་།ཆུད་ཆབ་གྲོས།དེ་བཞིན་ཆུད་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྱེད་རྣམ་པར་བླ་ན་མེད་པའི་གུས་བཏུད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

过去的一年,全区上下深入学习贯彻习近平新时代中国特色社会主义思想,紧紧围绕区市党委、政府部署要求,以“六大战略”为指引,团结带领全区各族干部群众同心同德、锐意进取,开创了党的根基不断巩固、社会大局和谐稳定、经济质量稳步提升、民生事业持续改善、生态环境保持良好的新局面。这些成绩的取得,与您曾经打下的坚实基础密不可分,与您退休之后继续关心支持我们的工作密不可分,堆龙各族人民永远铭记于心。借此机会,堆龙德庆区委、区人大、区政府、区政协及全区各族干部群众向您致以崇高的敬意和衷心的感谢!

འདས་ཟིན་པའི་ལོ་དེའི་ནང་།ང་ཚོས་ལས་བྱེད་པ་རྒན་གྲས་ལ་ཚད་མཐོའི་མཐོང་ཆེན་དང་།བསམ་བློའི་ཐད་སེམས་ཁུར།འཚོ་བའི་ཐད་ལྟ་སྐྱོང་།བསམ་པའི་ཐད་ཐུགས་ཁུར་རྒྱུན་འཁྱོངས་བྱས་ཐོགལོ་འཁོར་མར་་རྒན་ཡོལ་ཞུས་ཟིན་པའི་ལས་བྱེད་ལས་བཟོ་༤༤༨ལ་འཚམ་འདྲི་ཞུས་པ་དང་།བློ་མཐུན་རྒན་གྲས་༦༤སྒྲིག་འཛུགས་བྱས་ཏེ།ཧུའ་ནན་ཞིང་ཆིེན།པེ་ཅིང་གྲོང་ཁྱེར།ཧྲང་ཧད་གྲོང་ཁྱེར་སོགས་སུ་རྒྱལ་གཅེས་ཡུལ་སྐོར་དུ་བསྐྱོད་པ་དང་།བློ་མཐུན་རྒན་གྲས་༡༦༨སྒྲིག་འཛུགས་བྱས་ནས་ཏང་ནང་ཞུགས་པའི་ཁས་ལེན་ཆོད་སེམས་ལ་སྐྱར་དྲན་བྱས་ཅིང་།དེས་ཏང་རྩ་འཛུགས་ཀྱི་གོང་བུ་མཉམ་སྒྲིལ།བློ་མཐུན་རྒན་གྲས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བྱས་ཡོད།རྒྱ་ཆེའི་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་ཚོས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་གནང་སྟེ།འཐབ་ས་མི་འདྲ་བ་དང་ལས་གནས་མི་འདྲ་བའི་ཐོག་ནུས་ཤུགས་ལྷག་མ་འདོན་ཡོད།༼དུས་གསར་ཕུགས་འདུན་གསར་སྐྲུན་དང་།བྱ་གཞག་གསར་པ་མངོན་གཏོད་བྱེད།༽ཞེས་པའི་དང་བླངས་པའི་ཞབས་འདེགས་བྱེད་སྒོ་སྤེལ་ཏེ།༼ང་ཡི་ཐོག་མའི་བསམ་འདུན་གྱི་སྒྲུང་གཏམ།༽སྙན་ཞུའི་གཏམ་བཤད་དང་།༼མེས་རྒྱལ་ལ་བསྟོད་དབྱངས་མཉམ་དུ་ལེན།༽ཞེས་པའི་གླུ་གཞས་མཉམ་གཏོང་ཆེན་མོའི་རྣམ་པ་བརྒྱུད་ནས།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བ་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་ཞུས་ནས།ཏང་་གི་བཀའ་དྲིན་མཚོན་པར་བྱས་ཡོད་པ་དང་།མ་འོངས་པའི་ཕུགས་འདུན་བཟང་པོར་རྒྱང་ལྟ་བྱས་ཡོད་ཅིང་།ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་སྲ་བརྟན་མཚོན་པར་བྱས་ཡོད།

过去的一年,我们高度重视老干部工作,坚持思想上关心、生活上照顾、精神上关怀,全年慰问退休干部职工448人次,组织64名老同志赴湖南、北京、上海开展红色之旅“心发现”,组织168名老干部重温入党誓词,切实发挥了党组织凝聚老同志、服务老同志的作用;广大退休干部职工充分发挥自身优势和作用,在不同战线、岗位上发挥余热,以“筑梦新时代、展现新作为”志愿服务活动、“我的初心故事”宣讲报告、“同声颂祖国”大合唱等形式,庆祝新中国成立70周年和西藏民主改革60周年,抒发对党的感恩之情,展望对未来的美好愿景,表达永远跟党走的坚定信念。

༢༠༢༠ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་༼ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་༽ཀྱི་མཇུག་བསྡུས་ཀྱི་ལོ་ཡིན།ང་ཚོས་ཞིས་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་རྒྱུན་འཁྱོངས་དང་། ༼ཐབས་ཇུས་ཆེན་པོ་དྲུག་༽རྒྱུན་འཁྱོངས་འཐུས་ཚང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྤྱིའི་དམིགས་ཚད་དམ་བཟུང་།སྤྱི་ཚོགས་ཀྱི་གཙོ་བའི་འགལ་འདུ་དང་དམིགས་བསལ་འགལ་འདུར་ཁ་ཕྱོགས་པ།མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས།བརྟན་ལྷིང་ཁྲོད་ནས་འཕེལ་རྒྱས་འཚོལ་བ་དང་འཕེལ་རྒྱས་ཁྲོད་ནས་ལེགས་འཚོལ་རྒྱུན་འཁྱོངས།མི་འདང་སར་ཁ་སྣོན་གྱི་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས།གཅིག་གྱུར་འཆར་འགོད་དང་འཕར་སྣོན་བརྟན་པོ།སྒྱུར་བཅོས་སྐུལ་སྤེལ།གྲུབ་ཚུལ་ལ་འགྱུར་བ།དམངས་ལ་ཁེ་ཕན།ཉེན་འགོག་ཉེན་ཟོན་བཅས་ཀྱི་ལས་དོན་རྒྱུན་འཁྱོངས།མུ་མཐུད་དེ་༼དོན་ཆེན་གསུམ།༽ནན་བཟུང་།༼འགག་སྒྲོལ་གསུམ༽གྱི་དམག་འཐབ་རྒྱུན་འཁྱོངས།ཁྱོན་ཡོངས་ནས་༼ལྟེ་གནས་ཆུང་བ་གཅིག༽དང་༼ནུས་པའི་ཁུལ་གསུམ་༽གྱི་འཕེལ་རྒྱས་གོམ་སྟབས་འཛུགས་སྐྲུན།སྟོད་ལུང་གི་སྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་བཅས་ཀྱི་བྱ་གཞག་ཁག་སླར་ཡང་འཕེལ་རིམ་གསར་པ་ཞིག་ཏུ་སླེབས་པར་ཤུགས་སྣོན་རྒྱག་དགོས།

2020年,是全面建成小康社会和“十三五”规划的收官之年。我们将始终坚持以习近平新时代中国特色社会主义思想为指导,坚持和完善“六大战略”,紧扣全面建成小康社会总目标,聚焦社会主要矛盾和特殊矛盾,坚持以人民为中心的发展思想,坚持稳中求进、进中求好、补齐短板总基调,统筹推进稳增长、促改革、调结构、惠民生、防风险各项工作,继续抓好“三件大事”,持续打好“三大攻坚战”,全面加快“一个副中心、三个功能区”建设步伐,推动堆龙改革发展稳定各项事业再上新台阶。

རྒྱ་ཆེའི་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་ནི་སྟོད་ལུང་སྒྱུར་བཅོས།འཕེལ་རྒྱས།བརྟན་ལྷིང་ཁྲོད་ཀྱི་གལ་ཆེའི་ནུས་ཤུགས་ཡིན།ང་ཚོས་བློ་མཐུན་ཞིས་ཅིང་ཕིང་གི་གལ་ཆེའི་བཀའ་སློབ་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར།ལས་བྱེད་པ་རྒན་གྲས་ཀྱི་སྲིད་ཇུས་ཁག་ཏན་ཏིག་ངང་ལག་བསྟར།རྒྱ་ཆེའི་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ལས་དོན་ཁག་ཁོང་ཚོའི་སེམས་སྟེང་གི་རེ་འདུན་ལྟར་སྒྲུབ་པ།བློ་མཐུན་རྒན་གྲས་ཀྱིས་སྐྲུན་པའི་བསམ་པའི་གཅེས་ནོར་ལ་ལྷག་པར་གཅེས་འཛིན།སྔོན་རབས་པ་རྣམ་པའི་སྲོལ་བཟང་ཁྲོད་ཀྱི་སྲ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་ཡིད་ཆེས་རྒྱུན་འཛིན།མུ་མཐུད་དེ་གུས་བཀུར་གྱི་སེམས་པ་མཐའ་འཁྱོངས།མཐའ་གཅིགཏུ་གཅེས་ཤིང་བརྩེ་བ།དོན་དངོས་ཀྱི་ལས་དོན་མང་ཙམ་སྒྲུབ་པ།ཁོང་ཚོར་ཕན་པ་དང་སྟབས་བདེ་བའི་ཞིབ་ཕྲའི་བྱ་བ་སྒྲུབ་པ།དེ་བཞིན་སེམས་སྟེང་ནས་ཁོང་ཚོར་ཞབས་ཞུ་སྒྲུབ་དགོས། རེ་བར།རྒྱ་ཆེའི་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་བ་རྣམ་པས་སྔར་རྒྱུན་བཞིན་སྟོད་ལུང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར།ཏང་དང་མི་དམངས་ལ་སླར་ཡང་ནུས་གསར་སྐྲུན་པའི་ཆབ་སྲིད་ཀྱི་སྤྲོ་བ་ལྡན་པ།ན་སོ་རྒས་ཀྱང་བློ་སྟོབས་ལྷག་པར་འཕེལ་བའི་སེམས་ཁམས་རྒྱུན་འཁྱོངས་དང་།ཡར་བརྩོན་གོང་འཕེལ་གྱི་ལྟ་བ་རྒྱུན་འཁྱོངས་གནང་སྟེ།གཙོ་བོའི་ཁ་ཕྱོགས་དར་སྤེལ།དབྱངས་སྒྲ་བཟང་པོ་བརྒྱུད་བསྒྲགས།ཡང་དག་པའི་ནུས་པ་གཅིག་སྒྲིལ།རྣམ་པ་གསར་པ་མངོན་སྟོན།ཏང་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་གཏན་འབེབས་ཁག་ལག་བསྟར་དོན་འཁྱོལ་དང་།ཆུད་ཨུད་ཀྱི་རེ་འདུན་ཁག་སྐུལ་འདེད་བྱེད་མཁན་ཞིག་དང་།འགྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གི་སྐུལ་ལྕག་མཁན།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ལག་ལེན་མཁན།སྟོད་ལུང་གི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་དང་།སྤྱི་ཚོགས་ཀྱི་ཡུན་རིང་བདེ་འཁོད་ཐད་ལ་ལེགས་སྐྱེས་གསར་པ་འབུལ་དགོས།

广大退休干部职工是堆龙改革发展稳定的重要力量。我们将始终认真学习贯彻习近平总书记重要讲话精神,扎实落实好关于老干部的各项政策,把工作做到广大离退休干部心坎上;始终倍加珍惜老同志创造的宝贵精神财富,在继承先辈优良传统中坚定理想信念;始终保持敬重之心、倾注关爱之情、多做务实之事,推出更多利老、便老的具体措施,用情用心地做好服务保障工作。希望广大退休干部职工能一如既往地关心、支持堆龙经济社会发展,保持为党和人民再立新功的政治热情,保持老骥伏枥、老当益壮的健康心态和进取精神,弘扬主旋律、传播好声音、凝聚正能量、展示新形象,争做贯彻落实党中央和区市党委决策部署及区委要求的推动者、改革发展稳定的促进者、社会主义核心价值观的践行者,为奋力推动堆龙经济长足发展和社会长治久安做出新的更大贡献!

  

མཇུག་ཏུ།རྒྱ་ཆེའི་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་རྣམས་ལ་སྙིང་ཐག་པ་ནས་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་དང་།ལྷན་རྒྱས་རྣམ་པ་ཚེ་རིང་ནད་མེད་དང་། ཁྱིམ་ཚང་བདེ་སྐྱིད་ལྡན་པ།བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།  

 衷心祝愿全区广大退休干部职工节日快乐、健康长寿、阖家幸福、扎西德勒!

       

ཀྲུང་གུང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུད་ཨུ་ཡོན་ལྷན་ཁང་།

中共拉萨市堆龙德庆区委员会

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུད་མི་དམངས་རྒྱུན་ལས་འཐུས་ཚོགས།

拉萨市堆龙德庆区人大常委会

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུད་མི་དམངས་སྲིད་གཞུང་།

拉萨市堆龙德庆区人民政府

ཆབ་གྲོས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུད་ཨུ་ཡོན་ལྷན་ཁང་།

政协拉萨市堆龙德庆区委员会

༢༠༢༠ལོའི་ཟླ་༡པོའི་ཚེས་༥ཉིན།

2020年1月5日 

责任编辑:堆龙

扫一扫在手机打开当前页

【字体: 【打印文本】 【关闭本页】

相关信息